请选择 进入手机版 | 继续访问电脑版
开启辅助访问
 找回密码
 立即注册

QQ登录

只需一步,快速开始

Tibetan green woodpecker

发表于 2020-1-5 12:55:27 | 显示全部楼层 |阅读模式
ལྗང་མདོག་ཤིང་རྟ་མོ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རྩ་འཛུགས་ཀྱི་བྱས་རྗེས་ངོ་སྤྲོད་བྱས་པར་གཞིགས་ན།
ལྗང་མདོག་ཤིང་རྟ་མོ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རྩ་འཛུགས་དེ་2006ལོའི་ཟླ་5པར་བཙུགས་པ་དང་དམངས་ཁྲོད་ཀྱི་རང་འགུལ་ལས་གྲུབ་པའི་གྲོང་ཁྱེར་གྱི་སྤྱི་པའི་ཡ་རབས་ལ་སྲུང་སྐྱོང་བྱས་ནས་ལྗང་མདོག་འགྲོ་སྐྱོད་དང་།གད་སྙིགས་རིགས་དབྱེ།ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་བཅས་ཀྱི་དང་བླངས་པའི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རྩ་འཛུགས་ཤིག་ཡིན་པ་དང་། མི་རྣམས་ཀྱི་སྤྱོད་ཚུལ་ངན་པ་འགྱུར་ལྡོག་གཏོང་རྒྱུ་དང་།དམངས་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས་དུས་དང་རྣམ་པ་ཀུན་ཏུ་གང་བྱུང་དུ་གཡུགས་པ།དེ་བཞིན་ཚུལ་མིན་གྱི་བྱེད་སྤྱོད་སྣ་ཚོགས་ལ་དམིགས་ནས་འཐབ་རྩོད་བྱེད་པ་དང་འབྲེལ་ལྗང་མདོག་འགྲོ་སྐྱོད་དང་།ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་།གད་སྙིགས་རིགས་དབྱེ་བསྡུ་རུབ་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་དར་སྤེལ་གཏོང་དགོས། ཨོ་རྩལ་འགྲན་ཚོགས་ཀྱི་སྔ་རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྨྱན་སྦྱོར་100ལྷག་ཙམ་གྱིས་ལྗང་མདོག་ཤིང་རྟ་མོ་གི་རྩ་འཛུགས་སྐོར་བཅར་འདྲི་བྱས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་ལམ་དང་།པེ་ཅིང་བརྙན་འཕྲིན་ཁང་།ཨ་རིའི་NBCརླུང་འཕྲིན་ཀུང་སི།དབྱིན་ཇིའི《མཁའ་དབྱིངས་གསར་འགྱུར》ལེ་ཚན།མི་དམངས་ཉིན་རེའི་ཚགས་པར།ཉིའུ་གཡོད་སྐབས་དོན་ཚགས་པར་སོགས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྨྱན་སྦྱོར་གྱིས་བཅར་འདྲི་དང་གནས་འཕྲིན་སྤེལ་བ་རེད།
ལྗང་མདོག་ཤིང་རྟ་མོ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རྩ་འཛུགས་ཀྱིས་རྒྱལ་སའི་ཤེས་དཔལ་གཞུང་དོན་ཁང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས“གུང་གསེང་གི་ཡ་རབས་བྱ་སྤྱོད”དང་དེ་བཞིན“ཡ་རབས་གུས་ལུགས་ལྡན་པའི་པེ་ཅིང་བ་བྱེད་པའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་ཧུར་ཐག་སྤེལ་བས་རྒྱ་ཆེའི་མང་ཚོགས་དང་དེ་བཞིན་འགོ་ཁྲིད་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་དང་། 2008ལོའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་བླངས་པ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ་དང་།རྒྱལ་སྟོན་ལོ་འཁོར་60འཁོར་བའི་དང་བླངས་པ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྒྱུར་ཅུས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་གྲོང་ཁྱེར་གྱི་ཤེས་དཔལ་སྣུམ་སྣོན་ས་ཚིགས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད། 2010ལོའི་དཔྱིད་གསར་དུས་ཆེན་སྐབས་གྲོང་ཁྱེར་གྱི་འགོ་ཁྲིད་ལིའུ་ཆི་དང་ཀུའོ་ཅིན་ལུང་གིས་དང་བླངས་ཞབས་ཞུའི་ལས་གནས་སུ་ལས་ཀ་བྱེད་པའི་ལྗང་མདོག་ཤིང་རྟ་མོ་གི་དང་བླངས་པར་འཚམས་འདྲི་གནང་མྱོང་ཡོད།
2011ལོ་ནས་བཟུང་སྡེ་ཁུལ་དུ“ལྗང་མདོག་འཚོ་བའི་སྒྲོག་འགྲེལ་བྱེད་པའི”བྱེད་སྒོ་སྤེལ་ནས་གྲོང་མིར་རྒྱུན་གཏན་གྱི་འཚོ་བ་ནས་འགོ་བཙུགས་ཏེ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་དང་།གད་སྙིགས་རིགས་དབྱེ།ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་སོགས་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད། ལྷག་པར་དུ《ལྗང་མདོག་སྤེལ་རེས་བར་སྟོང》གི་རྣམ་གྲངས་དེ་2013ལོར་སྲིད་གཞུང་གིས་སྤྱི་ཚོགས་རྩ་འཛུགས་ཀྱི་ཞབས་ཞུའི་རྣམ་གྲངས་ཉོ་སྒྲུབ་བྱེད་པ་དང་འབྲེལ་གྲུབ་འབྲས་ཐོབ་པའི་ངང་གྲོང་ནུབ་ཀྱི་གཡོད་ཐན་ཁྲོམ་གཞུང་དུ་ལག་བསྟར་བྱས་པར་གྲོང་མིའི་དགའ་བསུ་ཐོབ་པ་རེད།
ལྗང་མདོག་ཤིང་རྟ་མོ་གི་སྤྱི་ཕན་རྩ་འཛུགས་ཀྱི་བྱེད་སྒོ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ནས་སློབ་གྲྭ་དང་སྡེ་ཁུལ་དང་དེ་བཞིན་ལས་ཡུལ་དུ་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་དང་ལྗང་མདོག་ཤེས་དཔལ་ཞི་མཐུན་ཁྱིམ་གཞིས་བཙུགས་པས་རྒྱལ་ས་ཤེས་དཔལ་གཞུང་དོན་ཁང་གིས“ཕུལ་བྱུང་ཤེས་དཔལ་ཚོགས་པ”དང་དེ་བཞིན“པེ་ཅིང་བ་དང་ཉེ་འགྲམ་གྱི་ལུའེ་ཧྥུང་ཚོགས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།
ལྗང་མདོག་ཤིང་རྟ་མོ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རྩ་འཛུགས་ཀྱི་མཚན་སྙན།

2007ལོའི་ཟླ་7པའི་ལྗང་མདོག་ཤིང་རྟ་མོ་གི་དང་བླངས་ཞབས་ཞུའི་རྣམ་གྲངས་ཏེ།“དང་བླངས་པ་དང་མཉམ་དུ་འཛམ་གླིང་ལ་ཡག་པོ་ཤོད་དགོས”དང་།“མདའ་རྟགས་”ཡ་རབས་གུས་སྲོལ་ཁྱབ་གདལ་གྱི་བྱ་སྤྱོད།“གོམས་སྲོལ་ངན་པ་གཏན་འགོག་དང་ཡ་རབས་ངང་ཕྱིར་སྐྱོད་རྒྱུ་དར་སྤེལ་གཏོང་བའི”བྱེད་སྒོ་བཅས་ལས་སྡེ་ཚོགས་ཀྲུང་དབྱང་གི་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཐོབ་པ་རེད།
2008ལོའི་ཟླ་11པར་རྒྱལ་སའི་ཤེས་དཔལ་གཞུང་དོན་ཁང་དང་རྒྱལ་སའི“ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་དཔལ་ལ་སྣང་ཆེན་དང་སྲོལ་གསར་གཏོད་པའི་དང་བླངས་ཞབས་ཞུའི་བྱ་སྤྱོད”མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གིས་ལྗང་མདོག་ཤིང་རྟ་མོ་ཁོར་ཡུག་སྲུང་སྐྱོང་སྤྱི་ཕན་རྩ་འཛུགས་ལ“ཨོ་རྩལ་འགྲན་ཚོགས་ལ་སྣང་ཆེན་དང་ཤེས་དཔལ་ལ་སྣང་ཆེན་བྱས་ནས་སྲོལ་གསར་གཏོད་པའི་དང་བླངས་ཞབས་ཞུའི་བྱ་སྤྱོད”ཀྱི་ཤིན་སྐད་བསྡུ་ལེན་བྱེད་སྒོའི་རྩ་འཛུགས་བྱ་དགའ་སྤྲད་པ་རེད།
2010ལོའི་ཟླ་དང་པོར་ལྗང་མདོག་ཤིང་རྟ་མོ་རྩ་འཛུགས་ཀྱིས་གོང་ཞུ་བྱས་པའི《ལྗང་མདོག་ཤིང་རྟ་མོ་བྱ་སྤྱོད་སྤེལ་བ》དང“རྒྱལ་སྟོན་སྐབས་ཤེས་དཔལ་ལ་སྣང་ཆེན་བྱས་ནས་སྲོལ་གསར་གཏོད་པའི”ཆེད་དོན་བསྡུ་རུབ་བྱེད་སྒོའི་ནང་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད་པ་རེད།
2010ལོའི་ཟླ་12པའི་ལྗང་མདོག་ཤིང་རྟ་མོ་སྤྱི་ཕན་རྩ་འཛུགས་ཀྱིས“ཡ་རབས་གུས་ལུགས་ལྡན་པའི་པེ་ཅིང་བ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཁྲོད་རྒྱལ་སའི་ཤེས་དཔལ་གཞུང་དོན་ཁང་གིས“ཕུལ་བྱུང་ཤེས་དཔལ་ཚོགས་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།
2011ལོའི་ཟླ་6པར་ལྗང་མདོག་ཤིང་རྟ་མོ་དང་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རྩ་འཛུགས་ཀྱིས་གོང་ཞུ་བྱས་པའི“ལྗང་མདོག་གནམ་ཐང་གྲུ་གཟིངས”རྣམ་གྲངས་དེ་སྐབས་དང་པོའི་ཀྲུང་གོའི་ཐཱན་ཉུང་ལས་གཏོད་འགྲན་བསྡུར་ཆེ་མོའི་ནང་ཚུད་པའི་བྱ་དགའ་ཐོབ་ཡོད་པ་རེད།
2012ལོའི་ཟླ་7པར་རྒྱལ་སས་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ལས་གནས་སྤྲད་པ།
2013ལོའི་ཟླ་3པར་པེ་ཅིང་བ་མཛེས་ཤོས་ཀྱི་ཉེ་འགྲམ་གྱི་ལུའེ་ཧྥུང་ཚོགས་པ།
2014ལོའི་ཟླ་7པར་རྒྱལ་སའི་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་དཔེ་སྟོན་ས་ཚིགས་ཀྱི་མཚན་སྙན་ཐོབ་པ།
2015ལོའི་ཟླ་3པར་ལྗང་མདོག་ཤིང་རྟ་མོ་དང་བླངས་ཞབས་ཞུའི་ས་ཚིགས་ཀྱི“ཁོར་ཡུག་སྲུང་སྐྱོང་རྣམ་གྲངས”དེ་རྒྱལ་སའི་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་གསེར་གྱི་རྟགས་མ་ཐོབ་པའི་རྣམ་གྲངས་སུ་བདམས་པ་རེད།



ལྗང་མདོག་ཤིང་རྟ་མོ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རྩ་འཛུགས་
འབྲེལ་གཏུགས་མི་སྣ།ཝང་ཐའོ།13910992352


回复

使用道具 举报

您需要登录后才可以回帖 登录 | 立即注册

本版积分规则

123下一页